ཏས་མ་ནིཡ་སློབ་གྲྭ་ནང་བཀའ་སློབ།
2009.12.09

བཙན་བྱོལ་བོད་གཞུང་དྲ་གནས།
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎ཕྱི་ཟླ་བཅུ་གཅིག་པའི་ཚེས་བརྒྱད་རེས་གཟའ་མིག་དམར་གྱི་ཉིན།བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས།ཨོ་སི་ཊེ་ལི་ཡའི་གྲོང་ཁྱེར་ཏས་མ་ནི་ཡའི་ནང་ཡོད་པའི་ཏས་མ་ནི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་སློབ་དང་ལས་བྱེད་དེ་བཞིན་ས་གནས་བོད་མི་བཅས་མི་མང་བརྒྱ་དང་ལྔ་བཅུ་ཙམ་ལ་བཀའ་སློབ་དང་།དེའི་རྗེས་གྲོང་ཁྱེར་སྤྱི་ཁྱབ་དང་མཇལ་འཕྲད་གནང་ཡོད་པའི་སྐོར།འདི་གའི་ཆེད་གཏོང་གསར་འགོད་པ་དཀར་མཛེས་ནོར་བུ་དགྲ་འདུལ་ལགས་ཀྱིས་ས་གནས་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎