ཨོ་སི་ཊེ་ལི་ཡའི་ནང་གི་མཛད་འཆར་དབུ་འཛུགས།
2013.06.13

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནིའུ་ཛི་ལེནྜ་ནང་གི་མཛད་འཆར་ཁག་ལེགས་གྲུབ་གནང་སྟེ། ཟླ་འདིའི་ཕྱི་ཚེས་༡༣ཉིན་ཨོ་སི་ཊེ་ལི་ཡའི་གྲོང་ཁྱེར་སིད་ནིའི་རྒྱལ་སྤྱིའི་གནམ་ཐང་དུ་ཞབས་སོར་འཁོད་གནང་སྐབས། ཆོས་ཚོགས་ཁག་གི་བླ་སྤྲུལ་དགེ་བཤེས་རྣམ་པ་དང་ས་གནས་མི་མང་བཅས་ནས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པའི་སྐོར། འདི་གའི་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་ཀྱིས་ས་གནས་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས་ཞུ༎