འབྲས་ལྗོངས་སུ་ཆིབས་བསྒྱུར་བསྐྱང་རྒྱུ།
2013.03.16

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བསྟན་འཛིན་དོན་ཡོད།
༄༅༎ཡུན་རིང་ནས་རྒྱ་གར་འབྲས་ལྗོངས་མངའ་སྡེ་གཞུང་གིས་གདན་ཞུ་གསོལ་འདེབས་ཞུས་པ་ལྟར། ཟླ་འདིའི་ཟླ་མཇུག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་ཁུལ་གྱི་ས་ཁུལ་ཁག་ཅིག་ཏུ་ཆིབས་བསྒྱུར་བསྐྱང་སྟེ་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་བསྐྱང་གནང་རྒྱུ་ཡིན་པའི་སྐོར། འདི་གའི་གསར་འགོད་པ་རྡོ་གཅོད་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎