འཇང་དགུན་ཆོས་མཇུག་སྒྲིལ་དགོས་བཤད།
2013.07.09

བོད་ནས་བཏང་བ།
༄༅༎བོད་ནང་མདོ་སྟོད་དགོན་པ་ཁག་གི་འཇང་དགུན་ཆོས་ཚུགས་ཡུལ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་ཤུལ་མ་དགོན་ཕུན་ཚོགས་དར་རྒྱས་གླིང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་གཟབ་རྒྱས་ངང་སྲུང་བརྩི་ཞུས་པར་བརྟེན། ད་ཆ་དགོན་པ་དེའི་ས་གནས་རྒྱ་ནག་གི་འགོ་འཁྲིད་ཚོས་དམ་དྲག་ཆེ་རུ་གཏོང་བཞིན་པར་མ་ཟད་དགེ་འདུན་སྟོང་ཕྲག་ལྷག་འདུ་འཛོམས་བྱུང་བའི་མདོ་སྟོད་འཇང་དགུན་ཆོས་དེ་མཇུག་བསྒྲིལ་དགོས་ལུགས་བཤད་ཡོད་པའི་སྐོར། བོད་ནས་བོད་མི་ཞིག་གིས་འདི་གའི་ཨའོསི་ཊརེ་ལི་ཡའི་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་སུ་གནས་ཚུལ་མཁོ་སྤྲོད་གནང་བར་གསན་རོགས་ཞུ༎