སྒྲོལ་དཀར་མཚོ་ལགས་རང་ལུས་མེར་སྲེག་གིས་འདས་གྲོངས།
2012.08.08
༄༅། །ཁ་སང་ཚེས་ ༧ ཉིན་བོད་ནང་གི་ཆུ་ཚོད་ ༢།༣༠ ཙམ་ལ་ཨ་མདོ་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་གྱི་ཉེ་འདབས་སུ་ཡོད་པའི་གཙོས་དགོན་པའི་གཡས་ངོས་ཀྱི་གླིང་སྐོར་ལམ་གྱི་མཆོད་རྟེན་མདུན་དུ། བོད་རིགས་བུ་མོ་རང་ལོ་ ༢༦ ཡས་མས་སྒྲོལ་དཀར་མཚོ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་འདུག དེ་མ་ཐག་ཉེ་འཁོར་གྱི་སྐོར་བར་འགྲོ་མཁན་དག་གིས་མེ་གསོད་ཐབས་བྱས་ཡོད་ཀྱང་། རྗེས་སུ་ཁོང་འདས་གྲོངས་སུ་གྱུར་འདུག ཞིབ་ཕྲ་ཀུན་བཟང་བསྟན་འཛིན་གྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།