བོད་དོན་དང་མི་རིགས་འདྲ་མིན་གྱི་ཚོགས་འདུ།
2017.11.17
ཐེངས་འདིའི་གཏམ་གླེང་ལེ་ཚན་ནང་ཉི་ཧོང་དུ་སྐོང་ཚོགས་གནང་བའི་མི་རིགས་འདྲ་མིན་གྱི་གཞོན་སྐྱེས་འགོ་ཁྲིད་ཀྱི་ཚོགས་ཆེན་ཐེངས་༡༢ཐོག་༧གོང་ས་མཆོག་ནས་གསུང་འཕྲིན་གནང་བ་དང་། ཚོགས་འདུའི་ཐོག་བོད་མི་ཁག་ཅིག་ཀྱང་མཉམ་ཞུགས་གནང་ཡོད་པས། འབྲེལ་ཡོད་ཚོགས་འདུའི་སྐོར་དང་བོད་ཀྱི་སྐོར་ལ་བཀའ་མོལ་ཇི་བྱུང་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།