ཨ་རིས་བོད་དོན་གླེང་སློང་ཇི་ལྟར་གནང་གི་ཡོད་དམ།

རྒྱ་ནག་གི་ཕྱི་སྲིད་དྲུང་ཆེ་ཝང་ཡི་ཨ་རིར་ཕེབས་པའི་སྐབས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨེན་ཊོ་ནི་ སྦིལིང་ཀེན་གྱིས་ཝང་ཡི་དང་མཉམ་བོད་ཀྱི་གནད་དོན་ཐད་ཐུགས་འཚབ་ཡོད་པ་གླེང་སློང་གནང་ཞིང་། དེ་ནས་ཉིན་ཤས་རྗེས་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨཛ་ར་ཛེ་ཡ་མཆོག་གིས་བོད་མི་རྩོམ་པ་པོ་དང་ཤེས་ཡོན་ཅན་པ་སྒོ་ཤེས་རབ་རྒྱ་མཚོ་ལགས་གློད་བཀྲོལ་གཏོང་དགོས་པའི་དགོས་འདུན་སྐྱར་དུ་གནང་ཡོད་པ་རེད། ཐེངས་འདིའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་། ཨ་རིའི་གཞུང་གིས་རྒྱ་ནག་གི་མངའ་འོག་ཏུ་ཚུད་པའི་བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གླེང་སློང་ཇི་ལྟར་གནང་གི་ཡོད་མེད་ཐད་དཔྱད་གཞིའི་ཚུལ་དུ་བཀྲིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲིས་དབང་ཕྱུག་དང་བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།