རྒྱལ་ཚོགས་ཀྱི་ཚོགས་འདུ་དང་གོ་ལའི་ཆབ་སྲིད་ཀྱི་འཕོ་འགྱུར་ལ་ཤུགས་རྐྱེན།

2023.09.25
རྒྱལ་ཚོགས་ཀྱི་ཚོགས་འདུ་དང་གོ་ལའི་ཆབ་སྲིད་ཀྱི་འཕོ་འགྱུར་ལ་ཤུགས་རྐྱེན།
ཨེ་ཨེཕ་པི།

ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་འཛམ་གླིང་ཡུལ་གྲུ་ཁག་གི་འགོ་ཁྲིད་ ༡༤༠ ཙམ་དང་རྒྱལ་ཁབ་སོ་སོའི་སྐུ་ཚབ་འདུ་འཛོམས་ཀྱིས་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐེངས་ ༧༨ པ་ཚོགས་ཡོད་པ་རེད།  ཐེངས་འདིའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་།  རྒྱལ་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་།  ལྷན་ཚོགས་འདིའི་ཐོག་མཐོ་རིམ་རིམ་པའི་ཐོག་ནས་རྒྱལ་སྤྱིའི་ནང་གི་གནད་དོན་ཁག་དང་།  སྤྱི་ཚོགས་དང་ཕྱི་འབྲེལ་གྱི་གནད་དོན་ཅི་རིགས་ཐོག་ལ་གྲོས་བསྡུར་གྱིས་གོ་ལའི་ཆབ་སྲིད་ཀྱི་འཕོ་འགྱུར་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་མེད་ཐད་བཀྲིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་གླེང་མོལ་ཞུས་པ་འདི་གསན་རོགས་གནང་།

གསར་འགོད་པ། བཀྲིས་དབང་ཕྱུག བསྟན་འཛིན་བདེ་སྐྱིད།

རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎