རྒྱལ་སྤྱིའི་སྐྱེ་དངོས་ཁོར་ཡུག་ཀྱི་ལྷན་ཚོགས།
2022.12.09
སྤྱི་ལོ་༢༠༢༢ཟླ་༡༢ཚེས་༧ནས་༡༩བར་ཁེ་ཎ་ཌའི་གྲོང་ཁྱེར་ Montreal དུ་UN Biodiversity Conference འམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱེ་ལྡན་འདྲ་མིན་སྣ་ཚོགས་སྲུང་སྐྱོབ་ཡུན་གནས་ཡོང་ཐབས་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སོགས་ལ་གདོང་ལེན་བྱེད་ཕྱོགས་བཅས་ཀྱི་ཆེད་དུ་རྒྱལ་སྤྱིའི་སྐྱེ་དངོས་ཁོར་ཡུག་ཀྱི་ལྷན་ཚོགས་དེ་རྒྱ་ནག་གི་གཙོ་སྐྱོང་འོག་ཚོགས་འགོ་བཙུགས་ཡོད་ཀྱང། རྒྱ་ནག་གཞུང་གིས་བོད་དེ་བཙན་བཟུང་བྱས་ནས་བཟུང་སྟེ་རྒྱ་ནག་ནི་བོད་ཀྱི་རང་བྱུང་ཁོར་ཡུག་གི་ཐོག་ལ་གཞི་རྒྱ་ཆེ་བས་ཐོག་ནས་གནོད་སྐྱོན་ཚབས་ཆེ་གཏོང་མཁན་ཞིག་ཡིན་པར་སེམས་ཚབས་བྱེད་བཞིན་ཡིན་པའི་སྐོར་ཚེ་དབང་ནོར་བུ་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུས་པ་གསན་རོགས་ཞུ།
གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།