ར་ཤི་ཡས་ཡུ་ཀརེན་ནང་བཙན་རྒོལ་བྱས་པ།
2014.03.29

ཡུ་ཀརེན་གཞུང༌།
༄༅༎ཐེངས་འདིའི་བོད་དང་རྒྱལ་སྤྱིའི་གནས་བབ་ཅེས་པའི་ལེ་ཚན་གྱི་ནང་དུ་ར་ཤི་ཡས་ཡུ་ཀརེན་ནང་བཙན་རྒོལ་བྱས་པ་དེར་རྒྱ་ནག་དང་བོད་མི་ཚོས་བསླབ་བྱ་ལེན་རྒྱུ་ཇི་ཡོད་སྐོར་དང༌། རྒྱ་གར་ནང་འོས་བསྡུའི་གོང་འུར་སྒྲ་སྒྲོག་བཞིན་པའི་སྐོར། ཨ་རིའི་མེ་སེ་ཅུ་སེཙ་མངའ་སྡེའི་གྲོང་ཁྱེར་ཁེམབྲིཇ་ནང་རྟེན་གཞི་བྱས་པའི་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་ཉམས་ཞིབ་པ་དང་སྤྱི་ཟུར་བློ་བཟང་ཤཱསྟྲི་ལགས་དང་ལས་རིམ་གཙོ་སྐྱོང་བ་ཀརྨ་རྒྱ་མཚོ་ལགས་དབར་གླེང་མོལ་གནང་བར་གསན་རོགས༎