རྒྱལ་སྤྱིའི་ནང་གྲོང་ཁྱེར་དང་གྲོང་སྡེ་ལྷན་ཚོགས་ ༢༡༠༠ ལྷག་གི་ནང་གཞུང་འབྲེལ་ཐོག་ནས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་ཡོད་པ།

2024.03.12
རྒྱལ་སྤྱིའི་ནང་གྲོང་ཁྱེར་དང་གྲོང་སྡེ་ལྷན་ཚོགས་ ༢༡༠༠ ལྷག་གི་ནང་གཞུང་འབྲེལ་ཐོག་ནས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་ཡོད་པ། ཕྱི་ལོ་ ༡༩༨༩ ཟླ་ ༣ ཚེས་ ༥ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཞི་རྒོལ་ཆེན་མོའི་སྐབས།
འཇམ་དཔལ་སྨོན་ལམ།

འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་འཛམ་གླིང་ཁྱོན་དུ་བོད་མིའི་གསུམ་བཅུའི་སྒེར་ལངས་ཀྱི་དུས་དྲན་ཐེངས་ ༦༥ པ་སྲུང་བརྩི་ཞུས་ཤིང་། རྔམ་སྟོན་ཁྲོམ་སྐོར་དང་། ཞི་བའི་གོམ་བགྲོད། མར་མེའི་ཁྲོམ་སྐོར་སོགས་གནང་ཡོད་པ་རེད། འོན་ཀྱང་བོད་ནང་དུ་ཕྱི་ཟླ་ ༣ པའི་ནང་དམིགས་བཀར་རྒྱ་ནག་གཞུང་གིས་དམ་དྲག་ཆེ་རུ་བཏང་ཡོད་པ་བོད་ནང་ནས་གནས་ཚུལ་འབྱོར་ཡོད། འོན་ཀྱང་རྒྱལ་སྤྱིའི་ནང་གྲོང་ཁྱེར་དང་གྲོང་སྡེ་ལྷན་ཚོགས་ ༢༡༠༠ ལྷག་གི་ནང་གཞུང་འབྲེལ་ཐོག་ནས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱིས་བོད་མིར་གདུང་སེམས་མཉམ་སྐྱེད་ཞུས་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གྲངས་ཐོ་བསྡུ་རུབ་ཞུས་པ་ལས་ཤེས་རྟོགས་བྱུང་། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། རྒྱ་ནག་གཞུང་གིས་ ༡༩༨༩ ལོར་བོད་ནང་དྲག་པོའི་ཁྲིམས་གཞི་བསྡམས་པའི་སྐབས་རྔམ་སྟོན་ངོ་རྒོལ་ནང་ཞུགས་མྱོང་པ་ཆབ་སྲིད་བཙོན་ཟུར་ཞིག་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎