ཨ་རིའི་སེན་ཊ་སྦར་སྦ་ར་གྲོང་ཁྱེར་ནང་གནས་བཞུགས་ཐེ་པོ་སྤྲུལ་སྐུ་མཆོག་གིས་ཆོས་ལུགས་འདྲ་མིན་གྱི་དབར་ལ་མཐུན་སྒྲིལ་ཐོག་འགུལ་གནང་པར་རྫོང་དཔོན་གྱིས་ཆེ་བསྟོད་ཞུས་གནང་ཡོད།
2024.06.13
ཨ་རིའི་ནུབ་ཕྱོགས་ཁེ་ལི་ཧྥོར་ནི་ཡ་ལྷོ་ཕྱོགས་ཀྱི་ས་ཁུལ་སེན་ཊ་སྦར་སྦ་ར་གྲོང་ཁྱེར་ནང་གནས་བཞུགས་ཐེ་པོ་སྤྲུལ་སྐུ་མཆོག་གིས་རྒྱུན་དུ་ཁུལ་དེར་ཆོས་ལུགས་འདྲ་མིན་གྱི་དབར་ལ་མཐུན་སྒྲིལ་ཐོག་ནས་སྨོན་ལམ་གསུང་འདོན་གྱི་ལས་འགུལ་གནང་པར་རྫོང་དཔོན་གྱིས་ཆེ་བསྟོད་ཞུས་གནང་ཡོད་ཅིང་། ཕྱི་ཟླ་ ༦ ཚེས་ ༡༢ ཉིན་རྫོང་དཔོན་དང་པོ་ Das Williams ལགས་ཀྱིས་ཆེ་བསྟོད་ཀྱི་ཕྱག་བྲིས་ཤིག་གནང་པའི་ནང་། ཁོང་གིས་རིན་པོ་ཆེས་ལས་རིམ་གང་དུ་ཡིན་ཡང་སྤྱི་མང་ལ་དགའ་བསུ་ཞུ་སྟངས་འདི་ནི་སྤྱི་ཚོགས་ལ་ཆེས་དགོས་མཁོར་གཟིགས་བྱུང་ཞེས་གསུངས་འདུག འདི་འབྲེལ་ངོས་འཛིན་ཞུས་པའི་སྐོར་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།