རྒྱ་ནག་གུང་གྲན་ཏང་གིས་ཆོས་དད་རང་དབང་ལ་ཉེན་ཚབས་ཆེན་པོ་བཟོ་བཞིན་པའི་སྐོར་བགྲོ་གླེང་གནང་ཡོད་པ།
2023.07.13

ཨ་རིས་རྒྱ་ནག་གུང་གྲན་ཏང་ལ་འགྲན་བསྡུར་བྱེད་ཕྱོགས་ཀྱི་འཐབ་བྱུས་ལ་ཨ་རིའི་གྲོས་ཚོགས་ཀྱི་གཟིགས་རྟོགས་ཚོགས་ཆུང་གིས་རྒྱ་ནག་གུང་གྲན་ཏང་གིས་ཆོས་དད་རང་དབང་ལ་ཉེན་ཚབས་ཆེན་པོ་བཟོ་བཞིན་པའི་སྐོར་བགྲོ་གླེང་ཞིག་ཚོགས་པ་ཡོད་པ་དང་། དེའི་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བུ་ཆུང་ཚེ་རིང་ལགས་ཀྱིས་རྒྱ་ནག་གིས་བོད་ནང་ནང་ཆོས་རྩ་མེད་བཟོ་ཐབས་སུ་དམིགས་པའི་རྒྱ་ནག་གཞུང་གི་སྲིད་བྱུས་རྣམས་ཐེར་འདོན་དང་། བོད་རྒྱའི་དཀའ་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཡོང་བའི་སྐུལ་མ་གནང་བ་སོགས་ཀྱི་སྐོར་ཆེད་གཉེར་གསར་འགོད་པ་བསྟན་འཛོན་བདེ་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག