རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ཐེར་འདོན་གནང་ཐུབ་མེད་པ་ནི་གོ་སྐབས་དམ་འཛིན་གནང་མ་ཐུབ་པར་ངོས་འཛིན་གནང་གིས་འདུག
2022.06.01

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སུད་སི་སྐུ་ཚབ་དོན་གཅོད་ཁང་གི་རྒྱལ་ཚོགས་ཀྱི་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་ཀྱིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་པ་མཆོག་ཉེ་ལམ་རྒྱ་ནག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་སྐབས། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་དང་གཏོང་བཞིན་པར་འཇིགས་ཞུམ་མེད་པར་རྟོག་ཞིབ་དང་ཐེར་འདོན་གནང་ཐུབ་མེད་པ་ནི། གོ་སྐབས་དམ་འཛིན་གནང་མ་ཐུབ་པར་ངོས་འཛིན་གནང་གི་ཡོད་པ་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད་པའི་སྐོར་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསརའགོད་པ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག