གོ་ལའི་འཕྲོད་བསྟེན་དང་སྙིང་རྗེའི་ནུས་པ།

2024.09.07
གོ་ལའི་འཕྲོད་བསྟེན་དང་སྙིང་རྗེའི་ནུས་པ།
ཚེ་བརྟེན་སྒྲོལ་དཀར།

འདས་པའི་བདུན་ཕྲག་འདིའི་ནང་ཨ་རིའི་འཇོར་ཇི་ཡ་མངའ་སྡེའི་ཨེཊ་ལེན་ཊཱ་གྲོང་ཁྱེར་ནང་ཆགས་པའི་ཨེ་མོ་རི་གཙུག་ལག་སློབ་ཆེན་དུ་བོད་ཀྱི་བདུན་ཕྲག་ཀྱི་དུས་སྟོན་ཚོགས་ཤིང་།  དེ་དང་བསྟུན་གོ་ལའི་འཕྲོད་བསྟེན་བསྟི་གནས་ཀྱིས་གོ་སྒྲིག་འོག་འཕྲོད་བསྟེན་དང་ནད་ཡམས་དཔྱད་རིག་སོགས་ཀྱི་བགྲོ་གླེང་ཚོགས་འདུའི་ཐོག་བསྟན་འཛིན་རྒྱ་མཚོའི་སློབ་ཡོན་བཞེས་མྱོང་མཁན་གྱི་ནང་པའི་དགེ་བཤེས་ཁག་ཅིག་གདན་ཞུས་ཀྱིས་འཕྲོད་བསྟེན་གྱི་ནང་དུ་སྙིང་རྗེ་གོང་འཕེལ་གཏོང་རྒྱུའི་ཕན་ནུས་སྐོར་བགྲོ་གླེང་གནང་ཡོད་པ་དང་།   དགེ་བཤེས་ཚོས་གཉེར་པའི་ཉམས་ཞིབ་ཀྱི་གྲུབ་དོན་ཁག་ངོ་སྤྲོད་ཀྱིས་སྙིང་རྗེས་ནི་མིའི་ལུས་སེམས་ཀྱི་འཕྲོད་བསྟེན་ལ་ཕན་རླབས་སྒྲུབ་པའི་ཆ་རྐྱེན་ལྡན་ཡོད་པ་ཚན་རིག་གི་ཞིབ་འཇུག་ཚད་འཕེར་གྱི་ཐོག་ནས་ངོ་སྤྲོད་གནང་འདུག  གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  ཨེ་མོ་རི་གཙུག་ལག་སློབ་ཆེན་གྱི་བགྲོ་གླེང་ཐོག་ཕེབས་ཞུགས་གནང་མཁན་སེར་བྱེས་དགེ་བཤེས་ཐབས་མཁས་བློ་གྲོས་ལགས་དང་།  དགའ་ལྡན་བྱང་རྩེ་དགེ་བཤེས་བློ་གྲོས་བཟང་པོ་ལགས།  འབྲས་སྤུངས་བློ་གསལ་གླིང་གི་ཚན་རིག་དང་ལྟ་སྒྲུབ་ཀྱི་སློབ་དཔོན་དགེ་བཤེས་དགེ་ལེགས་རྒྱ་མཚོ་ལགས་བཅས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།། 

གསར་འགོད་པ། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎