ཐེ་ཝན་འོས་བསྡུ་ཆེན་མོའི་རྗེས་རྒྱ་ནག་གི་རྒྱུད་བསྒྲགས་སློབ་གསོ།
2024.01.25
ཐེ་ཝན་གྱི་འོས་བསྡུ་བསྒྲུབས་པའི་རྗེས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཐེ་ཝན་དང་ཧོང་ཀོང་། ཨོའུ་མན་ཐོག་གི་འཐབ་ཕྱོགས་གཅིག་འགྱུར་གྱི་ལས་དོན་ནུས་པ་ཆེ་རུ་གཏོང་རྒྱུའི་རྩོམ་ཡིག་ཞིག་སྤེལ་བ་ལྟར་བོད་ནང་དྲྭ་རྒྱའི་ཐོག་དམ་དྲག་གི་དོན་ཚན་ནང་ཐེ་ཝན་དང་ཧོང་ཀོང་། ཨོའུ་མན་གྱི་གནས་ཚུལ་གང་བྱུང་སྤེལ་མི་ཆོག་པའི་རྒྱུད་བསྒྲགས་སློབ་གསོ་སྤེལ་བཞིན་པར་བརྟེན། ད་རེས་ཐེ་ཝན་གྱི་སྲིད་འཛིན་གསར་པ་འོས་འདེམས་བྱུང་སྟངས་དེ་ཡིས་ཐེ་ཝན་མི་དམངས་ཀྱིས་རྒྱ་ནག་ཐོག་ལ་འཛིན་པའི་ལྟ་ཚུལ་ལ་འགྱུར་བ་ཕྱིན་ཡོད་མེད་སོགས་ཀྱི་སྐོར་ལ་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།