གནས་མཆོག་མ་ར་ཊི་ཀར་ཚེ་སྒྲུབ།
2014.01.22

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཐུབ་བསྟན་སངས་རྒྱས།
༄༅༎ཕྱི་ལོ་༢༠༡༤ཟླ་༡ཚེས་༡༦ནས་བཟུང་བདུན་ཕྲག་གཅིག་གི་རིང་བལ་ཡུལ་ཤར་ཕྱོགས་ཀོ་ཐང་རྫོང་གི་མ་ར་ཊི་ཀར་དིལ་མགོ་མཁྱེན་བརྩེ་མཆོག་གི་ཡང་སྲིད་རིན་པོ་ཆེ་གཙོས་བླ་ཆེན་ཁག་ཅིག་དབུ་བཞུགས་ཀྱིས་དད་ལྡན་ཉིས་སྟོང་ལྷག་འཛོམས་ནས་ཚེ་དབང་དང༌།ཚེ་སྒྲུབ།ཁོར་ཡུ་སྲུང་སྐྱོབ་དང་འཛམ་གླིང་ཞི་བདེའི་ཆེད་སྨོན་ལམ་འཚོགས་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎