ར་ཤེ་ཡ་དང་ཡུཀ་རེན་གྱི་དམག་འཁྲུག
2022.03.18
ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་སྐབས་སུ་བབ་པའི་གླེང་བྱ་ནི། སྤྱིར་བཏང་ར་ཤེ་ཡ་དང་ཡུཀ་རེན་གྱི་དམག་འཁྲུག་གི་སྐོར་གླེང་རྒྱུ་ཡིན། བྱེ་བྲག་ལོ་རྒྱུས་སྟེང་གི་ར་ཤེ་ཡ་དང་ཡུཀ་རེན་གྱི་འབྲེལ་བ། དམག་འཁྲུག་དེའི་ངོ་བོ་དང་རྒྱབ་ལྗོངས། པུ་ཏིན་གྱི་རྒྱ་བསྐྱེད་རིང་ལུགས་པའི་ཧམ་པ་དང་། ཡུཀ་རེན་གཞུང་དམངས་གཉིས་གའི་སྙིང་སྟོབས། ནུབ་ཕྱོགས་རྒྱལ་ཁབ་ཁག་དང་རྒྱ་ནག་གི་རྣམ་འགྱུར། པུ་ཏིན་གྱི་བཏོན་པའི་དཔེ་གསར་བ། རྒྱ་ནག་གིས་སྐབས་འདི་དང་བསྟུན་ནས་ཐེ་ཝན་ལ་བཙན་འཛུལ་བྱེད་མིན་སོགས་ཀྱི་ཐད་དམག་འཁྲུག་འདིར་རྗེས་འདེད་ཞིབ་འཇུག་གནང་ཡོད་པའི་ལྷ་སྡེ་གནམ་ལོ་ཡག་དང་མཉམ་དུ་བགྲོ་གླེང་བྱེད་རྒྱུ་ཡིན།
གསར་འགོད་པ། སྟག་ལྷ་རྒྱལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།