ཨ་རིའི་སྲིད་འཛིན་ཉི་ཧོང་དང་ལྷོ་ཀོ་རི་ཡ། རྒྱ་ནག་སོགས་ལ་རྒྱལ་དོན་འཚམས་འདྲིར་ཕེབས་ཡོད་པ།
2017.11.10
༄༅། །ཐེངས་འདིའི་གཏམ་གླེང་ལེ་ཚན་ནང་། ཨ་རིའི་སྲིད་འཛིན་ཉི་ཧོང་དང་ལྷོ་ཀོ་རི་ཡ། རྒྱ་ནག་སོགས་ལ་རྒྱལ་དོན་འཚམས་འདྲིར་ཕེབས་ཡོད་པས། ཨ་རི་དང་རྒྱ་ནག་གི་འབྲེལ་བའི་ཐོག་ནས་བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་ལ་སོགས་པའི་གནད་དོན་དང་། དེ་མིན་ལྷོ་བྱང་ཀོ་རི་ཡའི་གནད་དོན་སོགས་ཀྱི་སྐོར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་དང༌། ཚེ་དབང་ནོར་བུ་ལགས་བཅས་རྣམ་གཉིས་དང་ལྷན་དུ། སྒྲོལ་དཀར་ལགས་ཀྱིས་བཀའ་མོལ་ཞུས་པར་ཞིག་གསན་རོགས་ཞུ།།
གསར་འགོད་པ་སྒྲོལ་དཀར།