བོད་དང་འབྲེལ་བའི་རྒྱ་ཡིག་དེབ་རིགས་འགྲེམས་སྟོན་ནང་ཞུགས་པ།
2017.02.10
དེ་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ལ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ཐེངས་ ༢༥ པ་དེའི་ཐོག་ཐེ་ཝན་གྱི་གངས་ལྗོངས་དཔེ་སྐྲུན་ཁང་མཉམ་ཞུགས་གནང་ཡོད་པ་དང་། བོད་དང་འབྲེལ་ཡོད་ཀྱི་དེབ་གྲངས་ཁྱོན་ ༢༥ འགྲེམས་སྤེལ་གནང་བ་མ་ཟད། དཔེ་དེབ་འགྲེམས་སྟོན་ལ་ཕེབས་མཁན་ཁྲོད་བོད་ཀྱི་དངོས་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་སོགས་ཀྱི་གནས་ཚུལ་ཞིག་གསན་རོགས་གནང་།
གསར་འགོད་པ་སྒྲོལ་དཀར།