རྒྱ་ནག་གཞུང་གི་ཉེན་རྟོག་སྐོར་སྲུང་ལས་ཁུངས་ཀྱི་ངོ་བོ་མཚུངས་པའི་སྒྲིག་འཛུགས་འཛུགས་ཐབས།
2022.11.02
ཡོ་རོབ་ཡུལ་གྲུ་ནེ་དྷར་ལེནཌི་ནང་གི་བོད་མིར་བསམ་ཚུལ་དྲི་ཞིབ་བྱེད་སྐབས་བོད་མི་བཅུའི་ཁོངས་ནས་ཧ་ལམ་ཕྱེད་ཀ་ཙམ་ལ་རྒྱ་ནག་གཞུང་ཚབ་ཀྱི་ལས་བྱེད་ཡིན་ཟེར་བའི་མི་སྣས་འབྲེལ་གཏུག་བྱེད་ཡོད་པ་ས་གནས་ནས་ཤེས་རྟོགས་བྱུང་འདུག དེང་སྐབས་ཕྱི་རྒྱལ་ཡུལ་གྲུ་མང་པོའི་ནང་རྒྱ་ནག་གཞུང་གི་ཉེན་རྟོག་སྐོར་སྲུང་ལས་ཁུངས་ཀྱི་ངོ་བོ་མཚུངས་པའི་སྒྲིག་འཛུགས་འཛུགས་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཞིག་གྲགས་ཆེར་གྱུར་ཡོད་པ་རེད། འདི་དང་འབྲེལ་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡོ་རོབ་ཡན་ལག་གི་འགན་འཛིན་བཀྲས་མཐོང་དབང་པོ་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་བཀའ་དྲི་ཞུས་པའི་ལས་རིམ་ཞིག་གསན་རོགས་གནང་།
གསར་འགོད་པ། བཀྲིས་དབང་པྱུག
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།