ལོ་རྒྱུས་སུ་བྱུང་མྱོང་མེད་པའི་བོད་མའི་རང་སྲེག་གི་ལས་འགུལ།


2016.03.03
ལོ་རྒྱུས་སུ་བྱུང་མྱོང་མེད་པའི་བོད་མའི་རང་སྲེག་གི་ལས་འགུལ། འཇིགས་མེད་ཨོ་རྒྱན་ལགས་དང་སྲིད་འཛིན་འོས་མི་ཧེ་ལི་རི་ཁི་ལིན་ཊན།
ངོ་དེབ།

༄༅། །ཟླ་བ་འདིའི་ཚེས ༢༩ ཉིན། བོད་མདོ་སྟོད་ཁམས་ཉག་རོང་དུ་ལོ་ན ༡༨ ཅན་གྱི་དགེ་འདུན་པ་སྐལ་བཟང་དབང་འདུས་དང་བོད་བྱེས་ནས་མ་སུ་རུ་བོད་ཁྱིམ་སློབ་གྲྭའི་སློབ་མ་ལོ་ན ༡༦ཡིན་པའི་རྡོ་རྗེ་ཚེ་རིང་གཉིས་ཀྱིས་རང་ལུས་མེར་བསྲེགས་ཡོད་པས།   འདས་པའི་ལོ་བདུན་གྱི་ནང་ཚུན་དུ་བོད་གཞིས་བྱེས་གཉིས་སུ་བོད་མི ༡༥༢ཀྱིས་རང་ལུས་མེར་བསྲེགས་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་ཀྱང་། དུས་དེ་རིང་། འགྲོ་བ་མིའི་ལོ་རྒྱུས་སུ་བྱུང་མྱོང་མེད་པའི་བོད་མའི་རང་སྲེག་གི་ལས་འགུལ་དེ་ལ་རྒྱལ་སྤྱིའི་སྤྱི་ཚོགས་སུ་དོ་སྣང་ག་འདྲ་ཞིག་ཡོད་པ་དང་། གཞལ་དཀའ་བའི་ཚེ་སྲོག་གི་འགྲོ་སོང་དེ་དང་མཚུངས་པའི་ཕན་ནུས་ཞིག་ཐོན་གི་ཡོད་མེད་ལ་དཔྱད་ཞིབ་བརྒྱུད། རང་ནི་ཚེ་སྲོག་གཅེས་པར་བཟུང་ནས་དོན་ཕན་ལྡན་པའི་ཐབས་ལམ་གཞན་ཞིག་ཇི་ལྟར་འཚོལ་རྒྱུ་དང་། དེ་བཞིན་དུ་བོད་མིའི་རང་ལུས་མེ་སྲེག་གི་ལས་འགུལ་འདི་མཚམས་གཅོད་པའི་དུས་ལ་བསླེབས་ཡོད་དང་མེད་ལ་སོགས་པའི་ཐད་བགྲོ་གླེང་བྱེད་རྒྱུ་ཡིན།
སྐུ་མགྲོན།
བོད་མི་དམངས་མདོ་སྨད་སྤྱི་འཐུས་ཟུར་བ་གདུགས་དཀར་ཚེ་རིང་ལགས་དང་། ཨ་རིའི་བི་རྗི་ནེ་ཡ་ཤར་ལོ་སི་གྲོང་ཁྱེར་ན་ཡོད་པའི་ནང་པའི་ཆོས་ཚོགས་བཀྲ་ཤིས་ཆོས་གླིང་གི་འགན་འཛིན་མཁན་པོ་ངག་དབང་རྡོ་རྗེ་ལགས་གཉིས་ཡིན།

གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎