སཔེན་ཁྲིམས་ཁང་ལ་གནོན་ཤུགས།
2014.02.12

སྐུ་ཞབས་ཐུབ་བསྟན་དབང་ཆེན།
༄༅༎སཔེན་གཞུང་ཐོག་རྒྱ་ནག་གིས་གནོན་ཤུགས་སྤྲད་ནས་རྒྱ་ནག་གི་འགོ་ཁྲིད་ཁག་ཅིག་ལ་བོད་ནང་མནར་གཅོད་བཏང་བའི་ནག་ཉེས་འོག་འཛིན་བཟུང་དགོས་པའི་ཁྲིམས་ཐག་བཅད་པ་དེར་འགྱུར་བ་གཏོང་དུ་འཇུག་ཀྱི་ཡོད་པར་ཡོ་རོབ་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ནས་སྐྱོན་བརྗོད་གནང་ཡོད་པའི་སྐོར་རིག་ལྡན་སྒྲོལ་མ་ལགས་ཀྱིས་གནས་འདྲི་ཞུས་པར་གསན་རོགས༎