ཁེ་ན་ཌའི་གཞུང་དང་གྲོས་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་སྐོར་གླེང་བ།


2020.09.02
ཁེ་ན་ཌའི་གཞུང་དང་གྲོས་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་སྐོར་གླེང་བ། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་བོད་རྒྱ་གྲོས་མོལ་སླར་གསོ་ཡོང་བའི་གྲོས་འཆར་ལ་སྤྱི་མོས་ཐོག་རྒྱབ་སྐྱོར་གནང་ཡོད་པ།
ཤེས་རབ་ཐར་ཕྱིན།

ཁེ་ན་ཌའི་གཞུང་གིས་ཉེ་བའི་ལོ་ཟླ་ནང་བོད་དོན་ལ་ཁ་ཡོད་ལག་ཡོད་དོན་དམ་གྱིས་རྒྱབ་སྐྱོར་ཇི་གནང་ཡོད་པའི་སྐོར་།དེ་ཡང་རྒྱ་གར་ཨ་རུ་ཅལ་མངའ་སྡེའི་ནང་བོད་མི་ཆིག་སྟོང་ཐམ་པ་སྐྱབས་བཅོལ་ལེན་པ་དང་བོད་མིའི་སྒྲིག་འཛུགས་ལ་མ་དངུལ་གྱི་རོགས་རམ་ཆེན་པོ་གནང་བ་སོགས་བྱུང་།དེ་བཞིན་ཆབ་སྲིད་ཀྱི་ཐོག་ནས་ཁེ་ན་ཌའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་བ་ཚོས་སྐུ་ལས་སྐྱོན་པ་བརྟེན་ཉེ་སྔོན་སྤྱི་ཟླ་༨པའི་ནང་ཉིན་ཁེ་ན་ཌའི་གྲོས་ཚོགས་འོག་མའི་ཁེ་ན་ཌ་དང་རྒྱ་ནག་དམིགས་བསལ་ལས་དོན་ཚོགས་ཆུང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་བོད་རྒྱ་གྲོས་མོལ་སླར་གསོ་ཡོང་བའི་གྲོས་འཆར་ལ་སྤྱི་མོས་ཐོག་རྒྱབ་སྐྱོར་གནང་ཡོད་པའི་དེའི་རྒྱབ་སྐྱོང་ལོ་རྒྱུས་དང་འབྲེལ་ཁེ་ན་ཌའི་བོད་དོན་ལྷན་ཁང་གི་ཚོགས་གཙོ་ཤེས་རབ་མཐར་ཕྱིན་ལགས་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བཅའ་འདྲི་བྱེད་པ་ཞིག་ཉན་རོགས་ཞུ།།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎