ཨ་རིའི་སྲིད་འཛིན་གྱིས་བོད་མིའི་རང་དབང་གླེང་འདུག


2014.02.12
ཨ་རིའི་སྲིད་འཛིན་མཆོག་ལོ་འཁོར་ཆོས་ཕྱོགས་དང་འབྲེལ་བའི་ལྷན་ཚོགས་སྟེང་། ༢༠༡༤།༢།༦ ཨ་རིའི་སྲིད་འཛིན་མཆོག་ལོ་འཁོར་ཆོས་ཕྱོགས་དང་འབྲེལ་བའི་ལྷན་ཚོགས་སྟེང་། ༢༠༡༤།༢།༦
པར། ཕོ་བྲང་དཀར་པོ། དྲ་བཤུས།

ཨ་རིའི་སྲིད་འཛིན་མཆོག་གིས་བོད་མིའི་རང་དབང་དང་ཆོས་དད་སྲུང་སྐྱོབ་བྱ་དགོས་པ་རྒྱ་ནག་ལ་ནན་བརྗོད་གནང་འདུག
དེ་ཡང་སྤྱི་ཚེས་༦ཉིན་ཨ་མི་རི་ཀའི་སྲིད་འཛིན་Barack Obamaམཆོག་གིས་National Prayer breakfast ཞེས་པའི་ལོ་འཁོར་ཆོས་ཕྱོགས་དང་འབྲེལ་བའི་ལྷན་འཛོམས་ཞིག་གི་སྟེང་། ཆོས་དད་རང་དབང་སྲུང་སྐྱོབ་བྱེད་དགོས་པའི་གལ་གནད་སྐོར་གསུང་བཤད་གནང་པའི་ནང་རྒྱ་ནག་གཞུང་ནས་བོད་ཐེ་བའི་གྲངས་ཉུང་མི་རིགས་ཚོའི་གཞི་རྩའི་རང་དབང་ལ་བརྩི་བཀུར་ཞུ་དགོས་པའི་སྐོར་གསལ་འདོན་གནང་ཡོད་པ་རེད། སྲིད་འཛིན་མཆོག་གིས་གསུང་དོན། ཆོས་དད་རང་དབང་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་ཨ་རི་གཞུང་གི་ཕྱི་འབྲེལ་གྱི་སྲིད་ཇུས་གལ་གནད་ཅན་ཞིག་ཆགས་ཡོད་པ་དང་། རྒྱ་ནག་གཞུང་གིས་ནུས་པ་ཆ་ཚང་ཐོན་ཐུབ་རྒྱུར་རྒྱལ་ཁབ་ནང་ཡོད་པའི་ཆོས་དད་པ་རྣམས་ལ་ཆོས་དད་རང་དབང་སྤྲོད་དགོས་པ་རེད་ཅེས་གསུང་། ད་དུང་སྲིད་འཛིན་Obama མཆོག་གིས། ང་ཚོས་རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་མང་པོ་བྱེད་ཀྱི་ཡོད། རྒྱལ་ཁབ་གཉིས་ཀྱི་ཕན་ཚུན་གྱི་འབྲེལ་ལམ་དེ་རྒྱ་ནག་དང་ཨ་རི་ཙམ་མ་ཟད། འཛམ་གླིང་སྤྱི་ལའང་དམིགས་བསལ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པར་བརྟེན་ རྒྱ་ནག་རང་ངོས་ཀྱི་ནུས་པ་ཆ་ཚང་ཐོན་ཐུབ་པ་དང་། རྒྱལ་ཁབ་རང་ངོས་ཀྱི་ཁེ་ཕན་ཆེད་རྒྱ་ནག་ནང་གི་བོད་རིགས་ནང་པ་ཚོ་དང་། ཡུ་གུར་ཁ་ཆེ་བ། དེ་བཞིན་ཡི་ཤུའི་ཆོས་དད་པ་བཅས་ཀྱི་ཆོས་དད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དགོས་རྒྱུ་གལ་ཆེན་ཆགས་ཡོད་ཅེས་ནན་སྐུལ་ཞུས་གནང་འདུག
ཨ་རིའི་སྲིད་འཛིན་མཆོག་གི་ལོ་འཁོར་རྒྱལ་ཡོངས་ཆོས་ཕྱོགས་དང་འབྲེལ་བའི་ལྷན་ཚོགས་དེ་བཞིན་ལོ་ལྟར་སྤྱི་ཟླ་གཉིས་པའི་རེས་གཟའ་ཕུར་བུ་དང་པོའི་ཉིན་ཚོགས་སྲོལ་ཡོད་པ་དང་། ལྷན་ཚོགས་དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་གོ་སྒྲིག་བྱེད་ཀྱི་ཡོད་པ་རེད། ལྷན་ཚོགས་དེའི་སྟེང་ཨ་རི་ཙམ་མ་ཟད། རྒྱལ་ཁབ་གཞན་བརྒྱ་ལྷག་ནས་ཆབ་སྲིད་དང་། ཚོང་འབྲེལ་གནད་ཡོད་མི་སྣ་གདན་ཞུ་གནང་ནས་ཕན་ཚུན་འབྲེལ་ལམ་གོང་འཕེལ་གཏོང་རྒྱུའི་གླེང་སྟེགས་ཞིག་ཀྱང་ཡིན་འདུག
གསར་འགོདཔ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎