རྒྱ་ནག་གིས་སོག་པོའི་རྟ་དམག་བེད་སྤྱོད་བྱས་ཏེ་བོད་མི་དམར་གསོད་བཏང་བའི་ལོ་རྒྱུས།
2017.03.09
༄༅། །ཐེངས་འདིའི་འོད་ཟེར་གྱི་གླེང་སྟེགས་ཞེས་པའི་ལེ་ཚན་ནང་། འོད་ཟེར་ལགས་ཀྱིས་བརྩམས་གནང་བའི་ འདི་ནི་འདས་པོར་མྱ་ངན་གྱི་དེབ་ཅིག་དང་ཡིད་སྐྱོའི་འགྱོད་བཤགས་ཀྱི་དེབ་ཅིག་རེད་ཅེས་པའི་རྩོམ་ཡིག་འདིའི་ནང་། རྒྱ་ནག་དམར་ཤོག་གཞུང་གིས་སོག་པོའི་རྟ་དམག་བེད་སྤྱོད་བྱས་ཏེ་ལོ་རབས་ལྔ་བཅུའི་ནང་བོད་ཁུལ་དུ་བོད་མི་ཧ་ཅང་མང་པོ་དམར་གསོད་བཏང་ཡོད་པའི་གནས་ཚུལ་ཁག་གི་ཐོག་འོད་ཟེར་ལགས་ཀྱིས་ཞིབ་འཇུག་གནང་སྟེ་དྲང་བདེན་གྱི་ལོ་རྒྱུས་འདི་ཕྱིར་བཏོན་གནང་བའི་རྩོམ་གྱི་དུམ་བུ་དང་པོ་ནས་བརྒྱད་པའི་བར་སྒྲོལ་དཀར་ལགས་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎