རྒྱ་ནག་གི་ཏོག་དབྱིབས་ཀླད་སྐོར་གྱི་སྲིད་ཇུས་དང་ནད་ཡམས་སྔོན་འགོག

2022.09.14
རྒྱ་ནག་གི་ཏོག་དབྱིབས་ཀླད་སྐོར་གྱི་སྲིད་ཇུས་དང་ནད་ཡམས་སྔོན་འགོག
སྒྲིག་བཟོ།

དེང་སང་རྒྱ་ནག་དང་། བོད་སྤྱི་དང་བྲ་བྲག་ཏུ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་(Covid-19)ཏོག་དབྱིབས་ནད་ཡམས་དང་རྣམ་པ་འགྱུར་བའི་ཏོག་དབྱིབས་རིམས་ནད་འགོས་ཁྱབ་མཚམས་མ་ཆད་པ་ཉིན་རེ་བཞིན་འཕར་བཞིན་པ་དང་བསྟུན། ལྷ་ས་གྲོང་ཁྱེར་དང་གཞན་ཡང་ཆབ་མདོ་གྲོང་ཁྱེར་སོགས་ནང་ཁྱིམ་སྡོད་བཀག་རྒྱ་བསྡམས་ནས་ཟླ་བ་གཅིག་ལས་མང་བ་འགྲོ་བཞིན་ཡོད་འདུག ནད་ཡམས་སྔོན་འགོག་གི་ཆེད་ཁྱིམ་བསྡོད་བཀག་རྒྱ་བསྡམས་པ་དེས་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ཐད་ཧ་ཅང་གི་དམ་དྲག་དང་། ལྷག་པར་དུ་ཟས་རིགས་དཀའ་ངལ་དང་ན་ཚ་ཡོད་མེད་ལ་མ་བལྟོས་པ་གང་བྱུང་གི་ཡར་ཁྲིད་མར་ཁྲིད་མང་པོ་བྱས་ནས་སུན་སྣང་དང་མ་སྐྱིད་པ་བཟོ་ཡི་ཡོད་པ་བོད་མི་སྐོར་ཞིག་གིས་སྤྱི་ཚོགས་དྲ་ལམ་ཐོག་བརྙན་བརྒྱུད་འཛེམས་ཟོན་མེད་པ་བདེ་སྡུག་བཤད་མཁན་ཡང་ཐོན་བཞིན་འདུག

དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་བོད་ཀྱི་ས་ཁུལ་ཁག་ཏུ་ཡུན་རིང་ཐེམ་སྤང་བཀའ་རྒྱ་བསྡམས་པའི་རྐྱེན་གྱིས་མི་དམངས་ཀྱི་སེམས་ཁམས་འཕྲོད་བསྟེན་ལ་ཇི་ལྟར་ཤུགས་རྐྱེན་ཐེབས་སྲིད་པ་དང་། དོན་དངོས་སུ་ཚན་རིག་དང་མཐུན་པའི་ནད་ཡམས་སྔོན་འགོ་གི་ཐབས་ལམ་བཟང་ཤོས་དེ་ཅི་ཡིན་མིན་དང་། ད་དུང་རྒྱ་ནག་གི་ཏོག་དབྱིབས་ཀླད་སྐོར་གྱི་སྲིད་ཇུས་དེ་ནད་ཡམས་སྔོན་འགོག་གི་ཚན་རིག་དང་ཇི་ལྟར་མཐུན་གྱི་ཡོད་མེདསོགས་ཀྱི་སྐོར་སྨན་སྦྱོང་ཆེད་ལས་ཀྱི་ཉམས་ཞིབ་པ་བསྟན་འཛིན་ཡེ་ཤེས་ལགས་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བགྲོ་གླེང་བྱེད་པ་ཉན་རོགས་ཞུ།

གསར་འགོད་པ། རྡོ་རྗེ་དགྲ་འདུལ།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎