ཨ་རིས་བོད་ནི་དམག་དོན་བཙན་འཛིན་འོག་གི་ས་ཁུལ་ཞིག་ཏུ་ངོས་འཛིན།
2020.12.18
ཐེངས་འདིའི ༼གངས་ལྗོངས་གླེང་སྟེགས༽ཀྱི་སྐབས་སུ་བབ་པའི་གླེང་གཞི་ནི། ཨ་རི་གཞུང་གིས་བོད་ནི་དམག་དོན་བཙན་འཛིན་འོག་གི་ས་ཁུལ་ཞིག་ཏུ་ངོ་བོ་ངོས་འཛིན་བྱས་པ་དེ་བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་མ་ཡིན་པ་གསལ་བསྒྲགས་བྱས་པ་ཡིན་མིན། དེ་མིན་ཉེ་ལམ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨ་རིའི་ཕོ་བྲང་དཀར་པོ་རུ་གནད་འདྲེན་ཞུས་ནས་གནད་ཡོད་མི་སྣ་དང་བོད་དོན་གྲོས་མོལ་བྱས་པ་སོགས་ལས། ཨ་རི་དང་རྒྱ་ནག་གི་འགལ་ཟླ་ཇེ་ཆེར་འགྲོ་བཞིན་པའི་རྒྱབ་ལྗོངས་ཆེན་མོའི་འོག་ཨ་རིའི་བོད་དོན་ཐད་ཀྱི་སྲིད་ཇུས་ལ་འགྱུར་བ་བྱུང་ཡོད་པར་ངོས་འཛིན་བྱས་ཆོག་མིན། ང་ཚོ་བོད་གཞུང་དམངས་གཉིས་ཀྱིས་རྒྱལ་སྤྱིའི་འགྱུར་ལྡོག་དང་འགྲོས་མཉམ་པའི་ལས་དོན་སྒྲུབ་ཕྱོགས་ཐད། སྐབས་དོན་ཆབ་སྲིད་དཔྱད་བརྗོད་པ་སྐུ་ཞབས་སངས་རྒྱས་སྐྱབས་ལགས་དང་མཉམ་དུ་སྟག་ལྷ་རྒྱལ་གྱིས་བགྲོ་གླེང་བྱས་པ།