རྒྱ་ནག་གཞུང་གི་སྲིད་བྱུས་འོག་བོད་ཀྱི་སྐད་ཡིག་དང་མི་རིགས་ཀྱི་བོ་ངོ་མེད་པར་ཆགས་པའི་དཀའ་ངལ་མཐོང་རྒྱུ་ཡོད་པ་བོད་ནས་ངོ་སྤྲོད་གནང་བ།
2023.09.13

ཤེས་ཡོན་ཐོག་ནས་བོད་ཕྱི་ནང་གཉིས་ཀའི་ནང་ཐུད་ཤོར་ཆེན་པོ་སོང་སྟེ་མི་རིགས་ཀྱི་ངོ་བོར་དོ་ཕོག་འགྲོ་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་སྲིད་བྱུས་འདྲ་མིན་ལག་བསྟར་འོག་བོད་མིའི་ངོ་བོ་མཚོན་པའི་སྐད་ཡིག་ཙམ་མ་ཟད། ཕྱིའི་བཀོད་པའི་ཆ་ནས་ཀྱང་མི་རབས་མང་པོར་རང་མི་རིགས་ཀྱི་ངོ་བོ་མེད་པར་ཆགས་པའི་དཀའ་ངལ་མངོན་གསུམ་དུ་མཐོང་རྒྱུ་ཡོད་པ་བོད་ནང་ནས་བོད་མི་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་དཔྱད་གཏམ་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་ཞུ།།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག