རྒྱ་ནག་གཞུང་ལ་སྐྱོན་བརྗོད།
༄༅༎ཉེ་ཆར་སྤྱི་ཟླ་ ༡༠ པའི་ཚེས་༡༡ ཉིན། རྒྱ་ནག་གཞུང་གིས་འབྲི་རུ་ཁུལ་ནས་ཚུལ་ཁྲིམས་རྒྱལ་མཚན་དང་དེ་རྗེས་སྐལ་བཟང་ཆོས་དར་འཛིན་བཟུང་བྱས་ཏེ། སྤྱི་ཚོགས་ཀྱི་བརྟན་ལྷིང་དང་རྒྱལ་ཁབ་ཁ་བྲལ་གཏོང་བ། ཕྱིར་ས་གནས་ཀྱི་གནས་ཚུལ་བཏང་བ་སོགས་ཀྱི་ཉེས་བཙུགས་བྱས་ཏེ་འཛིན་བཟུང་བྱས་པ་དེར། ཕྱི་ཚེས་༡༨ཉིན་རྒྱལ་སྤྱིའི་རང་དབང་གསར་འགོད་སྒྲིག་འཛུགས་ཀྱི་རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པས་སྐྱོན་བརྗོད་བྱས་ཡོད་པ་རེད།
དེ་ཡང་རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པས། རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་བོད་མི་དེ་དག་དུས་འགྱང་མི་རིང་བའི་ཐོག་ནས་གློད་གྲོལ་དགོས་པ་དང༌། རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་ཀྱང་རྒྱ་ནག་གི་བྱ་སྤྱོད་དེ་དག་ལ་སྐྱོན་བརྗོད་ཤུགས་ཆེ་གནང་དགོས་པའི་འབོད་སྐུལ་གནང་འདུག།