བོད་ནང་བཙོན་འཇུག་དང་དོ་དམ་བྱེད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ།

2023.08.07
བོད་ནང་བཙོན་འཇུག་དང་དོ་དམ་བྱེད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ།
འདྲ་བཤུས།

RAND ཁེ་མེད་ཉམས་ཞིབ་ཁང་གིས་བོད་ཀྱི་ས་ཐོག་ཏུ་ཟུང་སྐར་ནས་པར་ལེན་སྐབས་མཚན་མོར་གློག་འོད་ལ་བརྟེན་ནས་བཙོན་ཁང་དང་བཀག་བསྐྱིལ་ཁང་ཡོད་པ་དེ་དག་རྒྱ་སྐྱེད་འགྲོ་བཞིན་ཡོད་པ་ལས་རྒྱ་ནག་གཞུང་གིས་བོད་ནང་དོ་དམ་སྲུང་ཆའི་མཐུན་རྐྱེན་འོག་བཙོན་འཇུག་དང་དོ་དམ་བྱེད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པའི་ཚོད་དཔག་གི་སྙན་ཐོ་ཞིག་བཏོན་ཡོད་པ་རེད།  ཐེངས་འདིའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་།  རྒྱ་ནག་དམར་ཤོག་ཚོགས་པས་བོད་ནང་བོད་མིའི་ཐོག་འགོག་གནོན་དོ་དམ་ཇི་ལྟར་བྱེད་ཀྱི་ཡོད་མེད་དང་།  བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མུས་ཀྱི་བདེན་རྟགས་རྣལ་མ་ཇི་ལྟར་མཚོན་གྱི་ཡོད་མེད་སྐོར་བཀྲིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་ཀྱི་དབར་དཔྱད་གཞིའི་གླེང་མོལ་ཞུས་པར་གསན་རོགས་གནང་།

གསར་འགོད་པ། བཀྲིས་དབང་ཕྱུག བསྟན་འཛིན་བདེ་སྐྱིད།

རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎