འཕགས་མོ་བསམ་འགྲུབ་ཀྱི་ནང་མིར་དམ་དྲག།


2014.02.14
འཕགས་མོ་བསམ་འགྲུབ་ཀྱི་ནང་མིར་དམ་དྲག། རྒྱ་གཞུང་གིས་ཉེ་ཆར་བོད་དོན་ཆེད་རང་ལུས་མེ་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་འཕགས་མོ་བསམ་འགྲུབ་ལགས།
བོད་ནས་བཏང་བ།

༄༅༎རྒྱ་གཞུང་གིས་ཉེ་ཆར་བོད་དོན་ཆེད་རང་ལུས་མེ་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་འཕགས་མོ་བསམ་འགྲུབ་ལགས་ཀྱི་ཁྱིམ་ནང་ལ་དམ་དྲག་བྱས་པས་མ་ཟད། བོད་མི་ལྔ་འཛིན་བཟུང་བྱས་ཡོད་པའི་སྐོར། དེ་རིང་བོད་ནས་མིང་འདོན་གནང་འདོད་མེད་པའི་བོད་མི་ཞིག་གིས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལ་ངོ་སྤྲོད་གནང་བར་གསན་རོགས།། སྒྲ་ལྡན་གསར་འགྱུར།
ཡིག་ཐོག་གསར་འགྱུར>>>

ཟླ་འདིའི་ཚེས་༥ཉིན་རྨ་ལྷོ་རྩེ་ཁོག་རྫོང་གི་བོད་རིགས་གཞོན་སྐྱེས་འཕགས་མོ་བསམ་འགྲུབ་ལགས་ཀྱིས། རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་སྐུ་གྲོངས་རྗེས། རྒྱ་གཞུང་གིས་རང་སྲེག་གནས་ཚུལ་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་ཁོང་གི་སྤུན་ཆུང་བ་གྲྭ་རྒྱ་མཚོ་ལགས་དང་། དཔའ་རྡོ་བཟའ་མི་གཉིས། པདྨ། ཚེ་བརྟན་རྒྱལ་བཅས་བོད་མི་ ༥ འཇུ་བཟུང་གིས་ཉིན་ཤས་རིང་བཀག་ཉར་འདྲི་རྩད་བྱས་ཡོད་པ་དང་། ཉིན་ཤས་སྔོན་མི་༤གློད་གྲོལ་བཏང་ཡོད་ཀྱང་། ཚེ་བརྟན་རྒྱལ་ལགས་ད་ལྟའི་ཆར་མུ་མཐུད་བཀག་ཉར་བྱེད་བཞིན་ཡོད་འདུག
ཉེ་ཆར་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བྱུང་རྗེས། རྒྱ་གཞུང་གིས་འཕགས་མོ་བསམ་འགྲུབ་ལགས་ཀྱི་ནང་མིར་མཆོད་འབུལ་བྱེད་མ་བཅུག་པར་སྒོ་ཕྱི་ནང་ཀུན་ཏུ་སྲུང་བྱ་དམ་པོ་བྱས་ཡོད་པ་དང༌། གལ་སྲིད་ཁྱིམ་དུ་གྲྭ་བ་ཞིག་ཡོང་ཚེ་གྲྭ་བ་དེ་འཛིན་བཟུང་དང་གྲྭ་བ་དེའི་དགོན་པ་ཡང་སྒོ་རྒྱག་ཏུ་འཇུག་རྒྱུ་ཡིན་ཚུལ་སོགས་འཇིགས་སྐུལ་དང་བཙན་བཀའ་བཏང་སྟེ། ཉེ་འབྲེལ་དང་སྡེ་མི། ཡུལ་ཕྱོགས་གཞན་ནས་གདུང་སེམས་མཉམ་སྐྱེད་ཆེད་ཕེབས་མཁན་སོགས་མི་གཅིག་ཀྱང་འགྲོ་མི་ཆོག་པ་བཟོས་ཏེ། ད་ལྟའི་ཆར་ཡང་རྒྱ་གཞུང་གིས་ས་གནས་ཀྱི་བརྒྱུད་ལམ་ཡོངས་ལ་དམ་དྲགས་ཀྱི་སྟངས་འཛིན་དང་། དམག་མི་དང་ཉེན་རྟོག་པ་འགྲེམས་འཇོག་གིས་མི་མང་གི་འགྲུལ་བཞུད་སོགས་ལ་བཀག་བསྡོམས་ནན་མོ་བྱེད་བཞིན་ཡོད་འདུག
གསར་འགོད་པ་ངག་ཆོས།


བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎