མུ་རུ་ས་ཁུལ་དུ་ཁྲིམས་འགལ་གྱིས་རྡོ་སོལ་གྱི་གཏེར་ཁ་སྔོག་འགོད།
2020.08.14
༄༅།།ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་སྐབས་སུ་བབ་པའི་གླེང་གཞི་ནི། མདོ་སྨད་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མུ་རུ་ས་ཁུལ་དུ་འདས་པའི་ལོ ༡༤འི་རིང་ཁྲིམས་འགལ་གྱིས་རྡོ་སོལ་གྱི་གཏེར་ཁ་སྔོག་འདོན་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་དང་ས་གནས་འབྲོག་པའི་འཚོ་བར་གནོད་འཚེ་ཚབ་ཆེན་བཟོས་ཡོད་པའི་ཐད། ཉེ་ལམ་མཚོ་སྔོན་ཞིང་ཆེན་གྱིས་དེར་དོ་སྣང་ཆེན་པོ་བྱས་ཏེ་འབྲེལ་ཆགས་དཔོན་པོ་མང་པོ་གོ་དབྱུང་བཏང་ནས་ཞིབ་བཤེར་བྱེད་བཞིན་ཡོད་པ་མ་ཟད། རྡོ་སྲོལ་སྔོག་མཁན་ཁེ་ལས་ཁང་དེའི་འགན་འཛིན་མཱ་ཧྲོ་ཝེ་ཉེན་རྟོག་ལས་ཁང་གིས་དམ་དྲག་བྱས་པའི་སྐོར་ཁྲིམས་གླིང་དྲ་རྒྱའི་རྩོམ་སྒྲིག་པ་དང་རྒྱ་ནག་གི་ཁྲིམས་ལུགས་ཆེད་མཁས་པ་སྐུ་ཞབས་སྒྲོལ་མ་སྐྱབས་ལགས་དང་མཉམ་དུ་སྟག་ལྷ་རྒྱལ་གྱིས་བགྲོ་གླེང་བྱས་པར་ཉན་རོགས་གནོངས།།
གསར་འགོད་པ་སྟག་ལྷ་རྒྱལ།