རྒྱ་གཞུང་གིས་དུས་འཁོར་དབང་ཆེན་གོ་བསྒྲིགས་བྱེད་པ།
2016.07.27
༄༅།།རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུས་སྤྱི་སྤྱི་ལོ་༢༠༡༦་ལོའི་སྤྱི་ཟླ་༧་ཚེས་༢༡་ཉིན་ཚེས་༢༤་བར་ཉིན་གསུམ་གྱི་རིང་།གཞིས་ཀ་རྩེ་གྲོང་ཁྱེར་ནང་ཡོད་པའི་པཎ་ཆེན་བདེ་ཆེན་ཕོ་བྲང་དུ་དུས་འཁོར་དབང་ཆེན་གནང་ཡོད་པ་དང་ཐེངས་འདིའི་དུས་འཁོར་དབང་ཆེན་དེའི་ཐོག་ལ་རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་ཤུགས་སྣོན་ཆེན་པོ་རྒྱབ་ཡོད་ལ་བསམ་ཡུལ་ལས་འདས་པའི་གོ་བསྒྲིགས་ཀྱང་བྱས་ཡོད། རྒྱ་ནག་གཞུང་གིས་དུས་རྒྱུན་ཆོས་ལུགས་ལ་ཁས་ལེན་རྩ་བ་ནས་མི་བྱེད་མཁན་ཞིག་གིས་དེ་རིང་གི་དུས་འཁོར་དབང་ཆེན་དེའི་ཐོག་ལ་ཤུགས་སྣོན་དེ་འདྲ་རྒྱབ་དགོས་པའི་རྒྱུ་མཚན་ཇི་ཡིན་དང་དེའི་རྒྱབ་ལྗོངས་དང་དམིགས་ཡུལ་ཇི་ཡིན་སོགས་ཀྱི་སྐོར་ལ་ད་ལྟ་རྒྱ་གར་ལྷོ་ཕྱོགས་དུ་ཡོད་པའི་གདན་ས་ཆེན་པོ་བཀྲིས་ལྷུན་པོའི་ཕྱག་མཛོད་ཁྲི་པ་དང་དྲུང་ཆེ་གཅིག་ལྕོག་གནང་མཁན་དཀར་ཆེན་ཀུན་མཆོག་བསྟན་འཛིན་ལགས་དང་། ད་ལྟ་ཨ་རི་ལ་གནས་བཞུགས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ཟུར་པ་དང་ད་ལྟ་བོད་ཀྱི་ལས་འགུལ་རྟེན་གནས་ཁང་གི་ཞིབ་འཇུག་པ་བསྟན་རྡོར་་ལགས། དེ་ནས་ད་ལྟ་རྒྱ་གར་རྡ་རམ་ས་ལ་གནས་བཞུགས་བོད་མི་མང་སྤྱི་འཐུས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཨེ་ཤེ་ཡའི་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་བཅས་ལ་གོང་ཞུས་ཀྱི་གནད་དོན་ཁག་གི་སྐོར་ལ་བཅའ་འདྲི་ཞུས་ནས་རྣམ་པ་ཚོར་ཞུ་གི་ཡིན༎།གསར་འགོད་པ་བློ་བཟང།