བལ་གྱི་ཁ་བཏགས་གསར་བཟོ།
2018.02.02
བོད་ནང་གི་བཟོ་གྲྭ་གཉིས་ནས་སྔ་རྗེས་སུ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་ལྡན་ཞིང་། ཁོར་ཡུག་ལ་མི་གནོད་པ། ཁྲོམ་རྭའི་དགོས་མཁོ་དང་མཐུན་པའི་བལ་གྱི་ཁ་བཏགས་གསར་བཟོ་གནང་བ་དེར་བོད་མི་མང་པོས་དགའ་བསུ་དང་གདེང་འཇོག་ཆེན་པོ་གནང་བཞིན་པའི་སྐོར་གྱི་གནས་ཚུལ་བསོད་ནམས་ལྷ་མོས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས།
གསར་འགོད་པ་བསོད་ནམས་ལྷ་མོ།