རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་བོད་ནང་ཡར་རྒྱས་ཤུགས་ཆེ་བཏང་ཡོད་ལུགས་སོགས་བརྗོད་བཅུག་ཡོད་པ།
2021.08.04
རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་མི་སྣ་གཉིས་ལ་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་བོད་ནང་ཡར་རྒྱས་ཤུགས་ཆེ་བཏང་ཡོད་པ་དང་། བོད་མི་རྣམས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་བཞིན་ཡོད་ལུགས་སོགས་བརྗོད་བཅུག་ཡོད་པ་དང་། འདིའི་ཐད་བོད་ནས་ཕྱི་རྒྱལ་དུ་འབྱོར་མ་ཐག་པའི་བོད་མི་ཞིག་གིས་འདི་ནི་རྒྱ་ནག་གཞུང་གིས་ནམ་རྒྱུན་དྲིལ་བསྒྲགས་བྱེད་བཞིན་པའི་རྫུན་གཏམ་དེ་དག་ད་རེས་ཕྱི་རྒྱལ་བ་གཉིས་ལ་དབྱིན་སྐད་ཀྱི་ཐོག་ནས་བརྗོད་བཅུག་པ་ཙམ་ལས་དམིགས་བསལ་གང་ཡང་མེད་པའི་སྐོར་གསུངས་འདུག གནས་ཚུལ་རྒྱས་པ་བསོད་ནམས་ལྷ་མོས་ཕྱོགས་བསྡུས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག