རྒྱ་གཞུང་གིས་འདས་པའི་མི་ལོ་༧༠འི་རིང་བོད་ཁུལ་དུ་སྤེལ་བའི་སྲིད་ཇུས་དང་ལས་འགུལ།
2019.04.17
༄༅། །ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་སྐབས་སུ་བབས་པའི་གླེང་བྱ་ནི། རྒྱ་ནག་གུང་ཁྲན་གཞུང་གིས་བོད་ས་ཧྲིལ་བོ་བཙན་འཛིན་བྱས་ནས་མི་ལོ ༧༠འི་རིང་བོད་ཁུལ་དུ་སྤེལ་བའི་བོད་ཐད་ཀྱི་སྲིད་ཇུས་དང་ལས་འགུལ། སྲིད་ཇུས་ཀྱི་འགྱུར་ལྡོག སྲིད་ཇུས་ཀྱི་འཕེལ་རིམ་སོགས་ཀྱི་ཐད་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་རྒྱ་ཡིག་སྡེ་ཚན་གྱི་རྩོམ་སྒྲིག་པ་ཟུར་བ་དང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་རྩོམ་པ་པོ། སྐབས་ཐོག་ཆབ་སྲིད་དཔྱད་བརྗོད་པ་སྐུ་ཞབས་སངས་རྒྱས་སྐྱབས་ལགས་དང་ལྷན་སྟག་ལྷ་རྒྱལ་ལགས་ཀྱིས་གླེང་ཞུས་པར་གསན་རོགས་ཞུ༎