བོད་ནང་ཨེཙིའི་ནད་གཞི་ཁྱབ་བཞིན་པ།
2014.01.09

བི་ཀི་པི་ཌི་ཡ།
༄༅༎ཉེ་ཆར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཙིའི་ནད་ཡམས་སྔོན་འགོག་ལས་དོན་ཁང་གིས་བཏོན་པའི་ལོ་འཁོར་སྙན་ཐོའི་ནང་། སྤྱིར་འཛམ་གླིང་ཁྱོན་ཡོངས་ནས་བལྟས་ན་ཨེ་ཙི་ཞེས་པའི་ནད་ཡམས་དེ་འགོས་མཁན་ཇེ་ཉུང་དུ་ཕྱིན་ནས་བཟང་ཕྱོགས་ཀྱི་རྣམ་པ་ཤར་ཡོད་ཚུལ་བཀོད་ཡོད་ཀྱང། བོད་ཁུལ་དུ་ཨེ་ཙིའི་ནད་ཡམས་འགོ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ལུགས་དབྱ་ཞིབ་པས་བརྗོད་ཡོད་པའི་སྐོར། རྡོ་རྗེ་མཚོས་འབྲེལ་ཡོད་མི་སྣ་དང་གླེང་མོལ་ཞུས་པར་གསན་རོགས༎