ཁམས་འབྲི་རུ་རྫོང་གི་བོད་ན་གཞོན་ཁག་ཅིག་ལ་སྲོལ་རྒྱུན་བོད་ཆས་གྱོན་ནས་འཁྲབ་སྟོན་བྱེད་དུ་བཅུག་པ།

2021.08.14
ཁམས་འབྲི་རུ་རྫོང་གི་བོད་ན་གཞོན་ཁག་ཅིག་ལ་སྲོལ་རྒྱུན་བོད་ཆས་གྱོན་ནས་འཁྲབ་སྟོན་བྱེད་དུ་བཅུག་པ། འབྲི་རུ་རྫོང་དུ་བོད་ཆས་གྱོན་ནས་འཁྲབ་སྟོན་བྱེད་དུ་བཅུག་པ།
རྒྱ་ནག་གཞུང་གི་དྲ་ལམ།

ཁམས་འབྲི་རུ་རྫོང་དུ་ཉེ་ཆར་རྒྱ་ནག་གཞུང་གིས་ཡུལ་སྐོར་རིག་གནས་བྱེད་སྒོ་ཟེར་བ་ཞིག་སྤེལ་ཡོད་པའི་ཐོག་བོད་ཀྱི་ན་གཞོན་ཕོ་མོ་ཁག་ཅིག་ལ་སྲོལ་རྒྱུན་གྱི་བོད་ཆས་གྱོན་ནས་འཁྲབ་སྟོན་བྱེད་དུ་བཅུག་ཡོད་པའི་གནས་ཚུལ་དང་འབྲེལ། ཕ་ཡུལ་འབྲི་རུ་ནས་ཡིན་པའི་བོད་མི་ཞིག་གིས་བྱེད་སྒོ་འདི་རིགས་ནི་རྒྱ་ནག་གཞུང་གིས་བོད་ནང་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད་ཟེར་བའི་ཆབ་སྲིད་དྲིལ་བསྒྲགས་ཆེད་དུ་ཡིན་པ་ལས། དོན་དངོས་ཐོག་རྒྱ་ནག་གཞུང་གིས་བོད་ཀྱི་རིག་གནས་རྩ་མེད་གཏོང་རྒྱུའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་ཅེས་སྐྱོན་བརྗོད་གནང་གི་ཡོད་པའི་སྐོར།བསོད་ནམས་ལྷ་མོས་གནས་ཚུལ་ཕྱོགས་བསྡུས་ཞུས་པར་གསན་རོགས།

གསར་འགོད་པ། བསོད་ནམས་ལྷ་མོ།

རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།

དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎