རྒྱ་ནག་གིས་གྲོང་གསར་དགོན་པའི་དབུ་མཛད་འཇུ་བཟུང་།


2014.03.07
ཆབ་མདོ་ཕྱོགས་ཀྱི་ས་ཁྲ། ཆབ་མདོ་ཀརྨ་མ་ཡུལ་ཚོའི་བོད་མི་ལྔ་བཟུང་འདུག
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

ཆབ་མདོ་ས་ཁུལ་དཔའ་ཤོད་རྫོང་གི་ཉེན་རྟོག་པས་གྲོང་གསར་དགོན་པའི་དབུ་མཛད་བློ་བཟང་ཆོས་འབྱོར་གློ་བུར་འཇུ་བཟུང་བྱས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་གནས་ཚུལ་བཏང་དོན། ཟླ་བ་འདིའི་ཚེས་༤ཉིན་གྱི་མཚན་མོར་དཔའ་ཤོད་རྫོང་གི་ཉེན་རྟོག་པ་ཁག་ཅིག་གྲོང་གསར་དགོན་པའི་ནང་ཡོང་ནས་དབུ་མཛད་རྒན་པ་བློ་བཟང་ཆོས་འབྱོར་ལགས་ཀྱི་གྲྭ་ཤག་སྔོག་གཤེར་དང་ལག་འཁྱེར་ཁ་པར་ཞིབ་བཤེར་བྱེད་དགོས་ཚུལ་བཤད་དེ་འདྲི་རྩད་བྱས་ཡོད་པ་རེད།          སྐབས་དེར་ཁོང་གིས་ཁ་པར་རྩིས་སྤྲོད་བྱས་མེད་ཀྱང་ཉེན་རྟོག་པས་ཁོང་གི་ཁ་པར་གྱི་སྐད་འཕྲིན་ནང་མི་གཞན་ལ་༧གོང་ས་མཆོག་གི་སྐུ་པར་དང་། བཀའ་སློབ་སོགས་བརྒྱུད་བསྐུར་བྱས་ཡོད་ཚུལ་དང་། དེ་མིན་༧གོང་ས་མཆོག་གི་སྐུ་པར་སོགས་ཁ་པར་ནང་ཉར་ཚགས་བྱས་ཡོད་ཚུལ་ཤེས་རྟོག་བྱུང་སྐོར་བརྗོད་ནས་བློ་བཟང་ཆོས་འབྱོར་ལགས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་ས་གནས་ནས་ངོ་སྤྲོད་བྱས་འདུག
གནས་ཚུལ་ངོ་སྤྲོད་པས་བརྗོད་དོན། དབུ་མཛད་རྒན་པ་བློ་བཟང་ཆོས་འབྱོར་ལགས་ནི་ད་ལྟ་དགུང་ལོ་༤༢ཙམ་ཡིན་པ་དང་། ཁོང་གི་ཕའི་མིང་ལ་ཆོས་འཕེལ་དང་མའི་མིང་ལ་བག་ཆུང་ཞུ་གི་ཡོད་འདུག ཁོང་ཆབ་མདོ་ཕྱོགས་ཀྱི་ཚ་ཕུག་སྡེ་བ་ཡིན་པ་དང་། གྲོང་གསར་དགོན་པར་རྣམ་ཀུན་ནས་རྒྱ་ནག་གཞུང་ཕྱོགས་ནས་དམ་བསྒྲཌ་དང་ལྟ་སྲུང་ནན་མོ་བྱེད་བཞིན་ཡོད་པ་སོགས་ངོ་་སྤྲོད་བྱས་འདུག
གསར་འགོད་པ་ལྷུན་གྲུབ་ཚེ་རིང༌།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎