བོད་ཤར་ཕྱོགས་ཁུལ་རྒྱ་ནག་གི་དྲག་གནོན།
2011.08.29
༄༅༎དེ་རིང་གི་རེས་གཟའ་ཉི་མའི་གཏམ་གླེང་གི་ལེ་ཚན་ནང་དུ་བར་ལམ་ནས་བོད་ཤར་ཕྱོགས་ཁུལ་དུ་རྒྱ་ནག་གཞུང་གི་དྲག་གནོན་མ་བཟོད་པར་བོད་མི་ཚོས་རང་སྲོག་དོར་བ་སོགས་ཀྱི་ངོ་རྒོལ་གྱི་ལས་འགུལ་འདི་རིགས་བོད་ཁྱོན་ལ་ཁྱབ་གདལ་འགྲོ་མིན་སྐོར་དང་།བལ་ཡུལ་ནང་གཞུང་བསྲ་བརྟན་མེད་པའི་དབང་གིས་བོད་མི་ཚོར་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་སྐོར་ཨ་རི་ནས་འདི་གའི་བློ་བསྡུར་ཞུ་ཡུལ་འཇམ་དབྱངས་ནོར་བུ་ལགས་དང་རྒྱ་གར་ནས་འཇམ་དབྱངས་རྡོ་རྗེ་ལགས་དང་ལས་རིམ་གཙོ་སྐྱོང་བ་ཀརྨ་རྒྱ་མཚོ་ལགས་དབར་གླེང་མོལ་གནང་བར་གསན་རོགས༎