རྒྱ་ནག་གཞུང་གི་དམ་བསྒྲགས་ལ་ངོ་རྒོལ།
2011.10.17
༄༅༎ཐེངས་འདིའི་རེས་གཟའ་ཉི་མའི་གཏམ་གླེང་གི་ལེ་ཚན་ནང་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་རྒྱ་གཞུང་གི་དམ་བསྒྲགས་དང་དྲག་གནོན་མ་བཟོད་པར་རང་སྲོག་ལེ་མཁན་ཇེ་མང་དུ་འགྲོ་བཞིན་པ་དེར་གདུང་སེམས་མཉམ་སྐྱེད་དང་རྒྱལ་སྤྱིའི་ཐོག་བོད་དོན་གླེང་སློང་ཆེད་ལས་འགུལ་སྣ་ཚོགས་ཤིག་སྤེལ་བཞིན་པའི་སྐོར་རྡ་རམ་ས་ལ་ནས་བཀའ་བློ་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་དང༌།སྤྱི་ཟུར་བློ་བཟང་ཤསྟྲི་ལགས་བཅས་དང་ལས་རིམ་གཙོ་སྐྱོང་བ་ཀརྨ་རྒྱ་མཚོ་ལགས་དབར་གླེང་མོལ་གནང་བར་གསན་རོགས༎