ཡ་མུ་ན་ཁྱིམ་ཚང་།
རྒྱ་གར་གྱི་རྒྱལ་ས་ལྡི་ལི་ Majnu Ka Tilla ནང་རྟེན་གཞི་བྱས་པའི་ཡ་མུ་ན་ཁྱིམ་ཚང་ཞེས་པའི་ཚོགས་པ་འདི་ནི་གཞོན་སྐྱེས་ཀྱིས་སྣེ་ཁྲིད་པའི་དང་བླངས་ཞབས་ཞུ་ཚོགས་པ་ཞིག་ཡིན་ཏེ། གཞོན་སྐྱེས་དེ་དག་གིས་ལོ་བརྒྱད་ལྷག་རིང་ས་གནས་ལྡི་ལིའི་གཡས་གཡོན་གྱི་འཁྱམ་ཁྱི་ལ་སྨན་བཅོས་དང་། དགོས་ངེས་ཀྱི་ལྟ་སྐྱོང་བྱེད་པའི་ལས་འཆར་ངོ་མཚར་བ་འདིས་སྤྱི་ཚོགས་ཀྱི་འགན་འཁྲི་དང་སྙིང་རྗེའི་འདུ་ཤེས་ཟབ་མོ་ཞིག་བསྐྲུན་གྱི་ཡོད་པ་མ་ཟད། ད་དུང་ད་ལོར་ཉིན་སུམ་བརྒྱ་དྲུག་ཅུ་རེ་ལྔར་འཁྱམ་ཁྱི་དེ་དག་ལ་ཟས་སྦྱིན་པའི་ཉིན་རེའི་འགྲན་སློང་ཞིག་མགོ་བཙུགས་འདུག ལས་གཞི་དེ་དང་འབྲེལ་བའི་སྐོར་ལ་ཡ་མུ་ན་ཁྱིམ་ཚང་དབུ་འཛུགས་གནང་མཁན་ཁོངས་ཀྱི་གཞོན་སྐྱེས་ཚེ་གྲུབ་རྡོ་རྗེ་ལགས་སུ་གསར་འགོད་པ་སྒྲོལ་མ་ལྷ་མོ་ལགས་ཀྱིས་བཀའ་འདྲི་ཞུས་པ་ཞིག་གསན་གནང་གི་རེད།
གསར་འགོད་པ། སྒྲོལ་མ་ལྷ་མོ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།