འཛམ་གླིང་གློ་ནད་ཊི་སྦི་ཉིན་མོ།
ལོ་ལྟར་ཕྱི་ཟླ་ ༣ ཚེས་ ༢༤ ནི་འཛམ་གླིང་གློ་ནད་ཊི་སྦི་ཉིན་མོ་ཞེས་ནད་གཞི་དང་འབྲེལ་བའི་གོ་རྟོགས་སྤེལ་བའི་དུས་ཚིགས་ཤིག་ཡིན་ཅིང་། འདི་ལོའི་དུས་དྲན་གྱི་བརྗོད་གཞི་རུ་ནད་རིགས་འདི་རྩ་བ་ནས་ཞི་ཐབས་ཆེད་དངུལ་དངོས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་རྒྱུ་འདི་གཏན་འབེབས་གནང་ཡོད་པ་རེད། གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་ཀྱི་བདེ་ལེགས་སྨན་ཁང་གི་སྨན་པ་བསོད་ནམས་སྟོབས་རྒྱལ་ལགས་དང་ལྷན་བོད་མིའི་སྤྱི་ཚོགས་ཁྲོད་དུ་ནད་འདིའི་གནས་སྟངས་ཇི་ཆགས་སྐོར་བཀའ་འདྲི་ཞུས་སྐབས། ཕྱི་ལོ་ ༢༠༡༢ ལོར་གློ་ནད་ཊི་སྦི་ནད་གཞི་ཡོད་པ་གྲངས་འབོར་ ༦༠༠ ནས་ཕྱི་ལོ་ ༢༠༡༩ བར་ནད་གཞི་ཡོད་པའི་མི་སྣ་ ༢༠༠ སྐོར་ཞིག་ལ་ཆག་ཡོད་པ་གསུངས་བྱུང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པ་འདི་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།