རྒྱལ་སྤྱིའི་བུད་མེད་ཐོག་གཏུམ་སྤྱོད་འགོག་པའི་ཉིན་མོ།

2024.11.30
རྒྱལ་སྤྱིའི་བུད་མེད་ཐོག་གཏུམ་སྤྱོད་འགོག་པའི་ཉིན་མོ། རྒྱལ་སྤྱིའི་བུད་མེད་ཐོག་གཏུམ་སྤྱོད་འགོག་པའི་ཉིན་མོ།
དབུས་བོད་མིའི་སྒྲིག་འཛུགས།

རྒྱལ་སྤྱིའི་བུད་མེད་ཐོག་གཏུམ་སྤྱོད་འགོག་པའི་ཉིན་མོ་སྲུང་བརྩི་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་འགན་འཛིན་བསྟན་འཛིན་སྒྲོལ་དཀར་ལགས་ཀྱིས་བོད་མིའི་སྤྱི་ཚོགས་སུ་ཡང་ཕོ་མོ་དབྱེ་འབྱེད་ཀྱི་ཐོག་ནས་བུད་མེད་ལ་གཏུམ་སྤྱོད་ཕོག་པའི་གནས་སྟངས་ཡོང་གི་ཡོད་དུས། འདིའི་ཐད་གོ་རྟོགས་ལས་འགུལ་སྤེལ་བ་སོགས་བརྒྱུད་དཀའ་ངལ་དེ་དག་གསེལ་ཐབས་དང་དེ་བཞིན་དཀའ་ངལ་མྱོང་བཞིན་པའི་བུད་མེད་རྣམས་ལ་རོགས་རམ་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད། ཕྱི་ཟླ་༡༡ ཚེས་༢༥ ཉིན་རྒྱལ་སྤྱིའི་བེུད་ཐོག་གཏུམ་སྤྱོད་འགོག་པའི་ཉིན་དང་འབྲེལ་བའི་སྐོར་བསོད་ནམས་ལྷ་མོ་ལགས་དང་། བསྟན་འཛིན་དཔལ་མོ་ལགས། དེ་བཞིན་རྡོ་རྗེ་མཚོ་ལགས་བཅས་ཀྱིས་གནས་ཚུལ་ཕྱོགས་བསྡུས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས།

གསར་འགོད་པ། བསོད་ནམས་ལྷ་མོ། བསྟན་འཛིན་དཔལ་མོ། རྡོ་རྗེ་མཚོ།

རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎