མང་གཙོའི་གོ་རྟོགས་ཡར་རྒྱས་ཕྱིན་ཡོད་དམ།


2015.10.08
ཕ་རན་སིའི་སྲིད་འཛིན་ལ་ཐུགས་རྗེ་ཆེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས།
བོད་མི་མང་སྤྱི་འཐུས་ལྷན་ཚོགས།

༄༅།    །འཛམ་གླིང་གང་སར་ཁྱབ་པའི་བོད་མི་ཚོས་ཚང་ཁ་ཤིག་ཤིག་གིས ༢༠༡༦ ལོའི་སྲིད་སྐྱོང་དང་སྤྱི་འཐུས་འོས་མིར་མ་བསྐུལ་དང་བླངས་ཀྱིས་ལངས་པ་དེས་རང་རེའི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་བོད་པ་ཚོའི་མང་གཙོའི་གོ་རྟོགས་ཡར་རྒྱས་སུ་ཕྱིན་པའི་རྣམ་པ་ཞིག་མཚོན་གྱི་ཡོད་མེད་དང་། དེ་བཞིན་ལྟ་གྲུབ་ཀྱི་ཆ་ནས་བཤད་ནའང་དབུ་མའི་ལམ་གྱི་ལྟ་གྲུབ་གཅིག་པུ་མིན་པར་བོད་རང་བཙན་ནམ་ཡང་ན་བོད་རྒྱལ་ཁབ་སླར་གསོའི་ལྟ་གྲུབ་ཀྱང་སྤྱི་ཚོགས་ཀྱི་སྡིངས་ཆའི་སྟེང་དངོས་སུ་ཐོན་ཡོད་པ་ལས། རང་རེའི་བཙན་བྱོལ་སྤྱི་ཚོགས་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་དང་། མི་དམངས་གྱི་ལྟ་བ་སོགས་གུ་ཇེ་ཡངས་སུ་སོང་མིན་སོགས་ཀྱི་ཐད། ད་ལྟ་ཨ་རིའི་ནིའུ་ཡོག་ཏུ་ཡོད་པའི་བོད་མི་དམངས་སྤྱི་འཐུས་ཟུར་བ་ཧོར་གཙང་འཇིགས་མེད་ལགས་དང་། དེ་ལྟ་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་ན་ཡོད་པའི་བོད་མི་དམངས་སྤྱི་འཐུས་ཟུར་བ་གདུགས་དཀར་ཚེ་རིང་ལགས།    བཞུགས་སྒར་དྷ་རམ་ས་ལ་ན་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནང་ཁང་གི་ཉམས་ཞིབ་པ་ཚེ་རིང་རྒྱལ་ལགས་བཅས་དང་ལྷན་དུ་བགྲོ་གླེང་ཞུ་རྒྱུ་ཡིན།།
གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎