བོད་པའི་བེུད་ཅིག་གིས་གཙང་བཟོའི་ཁེ་གཉེར་ལས་ཁང་ནང་མི་གྲངས་ ༡༠༠ ཙམ་ལ་ལས་ཀའི་གོ་སྐབས་སྐྲུན་འདུག

2024.04.02
བོད་པའི་བེུད་ཅིག་གིས་གཙང་བཟོའི་ཁེ་གཉེར་ལས་ཁང་ནང་མི་གྲངས་ ༡༠༠ ཙམ་ལ་ལས་ཀའི་གོ་སྐབས་སྐྲུན་འདུག
ཚེ་རིང་སྒྲོལ་མ།

ཨ་རིའི་ནང་ཕྱི་ཟླ་ ༣ ནི་བེུད་ཀྱི་བྱེད་རྗེས་ཀྱི་ལོ་རྒྱུས་ཀྱི་ཟླ་བར་སྲུང་བརྩི་ཞུས་ཡོད་ལ།  འཛམ་གླིང་ཁྱོན་དུ་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གཏོང་རྒྱུ་དང་བུད་མེད་ཀྱི་འགོ་ཁྲིད་སྐྱེད་སྲིང་བྱ་རྒྱུ་ནི་སྤྱི་ཚོགས་དང་།  རྒྱལ་ཁབ།  ཆེ་སར་འཛམ་གླིང་སྤྱི་ལ་བྱམས་པ་དང་སྙིང་རྗེའི་ཁོར་ཡུག་སྐྲུན་པར་གལ་གནད་ཅིག་ཏུ་རྒྱ་ཁྱབ་ཆེན་པོའི་ཐོག་ངོས་འཛིན་བྱེད་ཀྱི་ཡོད་ཅིང་།  ཁྱད་པར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གོ་ལ་འདི་ནང་བེུད་གྱི་འགོ་ཁྲིད་མང་ཙམ་ཡོད་ན།  དམག་འཁྲུགས་ཉུང་དུ་འགྲོ་བའི་ཐུགས་རེ་ཡོད་པ་བརྒྱུད་ལམ་ཁག་གི་བཅར་འདྲི་ཞུ་སྐབས་བཀའ་གནང་ཡོད་པ་རེད། 
raymond1.jpg
ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་ཕྲུག་ཁྱིམ་སྡེ་ནས་སློབ་མཐར་སོན་ཏེ་སྤྱི་ཚོགས་ནང་བུད་ཀྱི་འགོ་ཁྲིད་ངོ་བོའི་ཐོག་ནས་ཕྱག་ལས་གནང་མཁན་ཁེ་ན་ཌར་གནས་བཞུགས་ཚེ་རིང་སྒྲོལ་མ་ལགས་སུ་བཀའ་དྲི་ཞུས་པའི་སྐབས།  ཁོང་གིས་ཁེ་ན་ཌའི་ནང་དུ་གཙང་བཟོའི་ལས་དོན་གཉེར་བའི་ཚོང་ལས་ཁེ་གཉེར་ཁང་བཙུགས་ནས་བོད་པ་དང་། ཧི་མ་ལ་ཡའི་མི་རིགས།  བོད་པ་མིན་པའི་མི་རིགས་གཞན་ཁག་བཅས་མི་གྲངས་ ༡༠༠ ཙམ་ལ་ལས་ཀའི་གོ་སྐབས་སྐྲུན་པ་ཡང་བྱུང་འདུག  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཚེ་རིང་སྒྲོལ་མ་ལགས་དང་ལྷན་ཁོང་མོའི་མི་ཚེའི་ལོ་རྒྱུས་དང་འབྲེལ་ནས་བུད་མེད་ཀྱི་ནུས་པ་སྤེལ་ཐབས་དང་དེའི་ཆེད་གདོང་ལེན་བྱ་ཕྱོགས་བཅས་ཀྱི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎