བོད་ཀྱི་གནའ་བོའི་རོལ་གཞས་ཐོག་ཉམས་ཞིབ་གཏིང་ཟབ་དུ་གཏོང་ཐབས་གནང་རྒྱུའི་དུས་ལ་བབས་ཡོད།
2023.08.16
ཤེས་ཡོན་སློབ་གསོའི་ལེ་ཚན་ནང་། ད་ལྟའི་དུས་ཚོད་འདིར་བོད་ཀྱི་སྐད་ཡིག་དང་གླུ་སྒར་སོགས་རིག་གཞུང་སྲུང་སྐྱོབ་བྱེད་སར་ཕྱིའི་ཤུགས་རྐྱེན་མ་སླེབས་སའི་ས་ཁོངས་ཅིག་འདི་རེད་ཟེར་ས་རྩ་བ་ནས་མེད་དུས་གནས་སྟངས་གསར་པ་དང་ཁོར་ཡུག་གསར་པར་གདོང་ལེན་བྱ་རྒྱུའི་འགན་བོད་མི་རྒན་གཞོན་ཚང་མར་ཡོད་པའི་ཐོག་འབྲེལ་ཡོད་སྒྲིག་འཛུགས་ཁག་གིས་བོད་ཀྱི་གནའ་བོའི་རོལ་གཞས་ཐོག་ཉམས་ཞིབ་གཏིང་ཟབ་དུ་གཏོང་ཐབས་གནང་རྒྱུའི་དུས་ལ་བབས་ཡོད་པ་བོད་སྟོད་མངའ་རིས་ཀྱི་སྲོལ་རྒྱུན་གླུ་གཞས་ལ་ཞིབ་འཇུག་གནང་མཁན་རྒན་ཤག་སྒང་པ་སངས་ཚེ་རིང་ལགས་ཀྱིས་ངོས་འཛིན་གནང་གི་ཡོད་སྐོར་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད།
གསར་འགོད་པ། རིག་ལྡན་སྒྲོལ་མ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།