རྣམ་པ་འདྲ་མིན་གྱི་བོད་ཀྱི་ལོ་གསར་གཏོང་སྲོལ།
2024.02.01
བོད་གངས་ཅན་གྱི་ལྗོངས་སུ་ལོ་གཅིག་གི་ནང་དུས་སྟོན་སྣ་ཚོགས་ཤིག་སྲུང་བརྩི་བྱེད་པའི་ཁྲོད་ནས་བོད་ཀྱི་ལོ་གསར་ནི་ཆེས་སྔ་ཤོས་དང་དར་ཁྱབ་ཆེ་ཤོས་དེ་ཡིན། འོན་ཀྱང་བོད་ལ་མཚོན་ན། ལུང་པ་སོ་སོའི་ཡུལ་སྲོལ་གོམས་གཤིས་དང་། ཞིང་ཁ་འདེབས་རྒྱུའི་དུས་ཚིགས་སོགས་ཀྱི་དབང་གིས། ལོ་གསར་སྲུང་བརྩི་བྱེད་སྲོལ་མི་འདྲ་བ་ཡོད་པ་རེད། ཐེངས་འདིའི་ལེ་ཚན་ནང་བོད་ཀྱི་ལོ་གསར་གཏོང་སྲོལ་གྱི་རྣམ་པ་མི་འདྲ་བ་དེ་དག་གི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་སྐོར་དང་། སྲོལ་རྒྱུན་གྱི་ལོ་གསར་གྱི་སྡེར་ཁའི་མཚོན་དོན་བཅས་ཀྱི་སྐོར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་རོགས་གནང་།
*ང་ཚོའོ་ལོ་གསར་དང་འབྲེལ་བའི་ལས་རིམ་ཁག་འདི་ནས་གཟིགས་རོགས།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།