ཁེ་ཎ་ཌར་བོད་ཀྱི་གསོ་བ་རིག་པའི་སྡེ་ཚན་ཞིག་དབུ་འབྱེད་གནང་རྒྱུ།
2018.10.26

༄༅།།སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ལ་གངས་ལྗོངས་ཆོས་ལྡན་གླིང་བོད་ཀྱི་རིག་གཞུང་བསྟི་གནས་ཁང་ནས་བོད་ཀྱི་གསོ་བ་རིག་པའི་སྡེ་ཚན་དབུ་འབྱེད་རབ་གནས་གསོལ་འདེབས་ཞུས་དོན་ལྟར། ཕྱི་ལོ་༢༠༡༨ ཟླ་༡༡ ཚེས་༡ རེས་གཟའ་ཕུར་བུའི་ཉིན་རྒྱབ་གངས་ལྗོངས་ཆོས་ལྡན་གླིང་དུ་ཆིབས་སྒྱུར་བསྐྱང་རྒྱུའི་ཞལ་བཞེས་ཐོབ་ཡོད་པས་མ་ཟད། མཆོད་ཁང་གསར་བཞེངས་སར་ཐུགས་སྨོན་དང་མི་མང་ལ་སྨན་བླའི་རྗེས་གནང་དང་། ཚེ་དབང་དང་། མ་ཎི་ཡིག་དྲུག་དང་། སྨན་བླ། རྟ་མགྲིན། བཛྲ་གུ་རུ། བཅས་ཀྱི་ལྗགས་ལུང་གནང་རྗེས་ནང་ཆོས་ཀྱི་གལ་གནད་དང་ཕན་ཐོགས་ཞེས་པའི་བརྗོད་གཞིའི་སྟེང་བཀའ་སློབ་གསུང་བཤད་གནང་རྒྱུ་ཡིན་པའི་སྐོར་ཚེ་དབང་ནོར་བུས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་གསན་རོགས་གནང་།